Daily Influencer

Daily Influencer

Share

Follow Daily Knowledge for Your Daily Dose of Learning

Expand your mind with interesting facts, general knowledge, and insightful updates!

24/04/2026

☞སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ གཏན་འབེབས་མཛད་གནང་སྟེ་ཡོད་པའི་ རྫོང་ཁའི་ཕྲད་དང་ཡིག་སྡེབ།☜
༡༽ ལ་དོན་གྱི་ཕྲད།
☞ཧེ་མ་འབད་བ་ཅིན་ ལ་དོན་གྱི་ཕྲད་ ན། ར། ལུ། གུ་ཟེར་ བཞི་སྦེ་ བརྩི་སྲོལ་ཡོད་རུང་ ད་རེས་ དུས་མཐུན་ བཟོ་མི་དང་འཁྲིལ་བ་ཅིན་ ལ་དོན་གྱི་ཕྲད་ ན། ར། ལ། གསུམ་ལུ་ གཏན་འབེབས་མཛད་གནང་ནུག། དེ་ཡང་ ཕྲད་༼གུ༽ལག་ལེན་འཐབ་པ་ཅིན་ ལ་དོན་གྱི་ཕྲད་ (ར)་དང་(ལུ)་ གཉིས་དང་གཅིག་ཁར་ ཕྲད་གཉིས་བརྩེགས་འགྱོ་བའི་སྐྱོན་ཡོད་ཟེར་ཨིན་མས།
★ དཔེར་ན། རྟ་གུ་ལུ་ཁུར་ཆ་བཀལ་ཟེར་དོ་བཟུམ།
དེ་འབདཝ་ལས་ གུ་འདི་ ལ་དོན་གྱི་ཕྲད་མེནམ་སྦེ་ གཏན་འབེབས་བཟོ་གནང་ཡོདཔ་ལས་ ནཱ་ལས་ཕར་ ✔ རྟ་གུར་ཁུར་ཆ་བཀལ།
✔ བྱང་ཤིང་གུར་ཡི་གུ་བྲིས། ཡང་ན་ རྟ་གུ་ལུ་ཁུར་ཆ་བཀལ་ཟེར་དོ་བཟུམ་སྦེ་ ལག་ལེན་འཐབ་དགོ་ནི་ཨིན་མས།
༢ ཆོས་སྐད་ནང་ཡོད་མི་ ལ་དོན་གྱི་ཕྲད་། སུ། དུ། ཏུ། གསུམ་འདི་ རྫོང་ཁ་ནངཡང་ ལག་ལེན་འཐབ་དགོཔ་ དུམ་གྲ་རེ་ཡོདཔ་ལས་ ཡན་ལག་གི་ཕྲད་སྦེ་བཀོད་གནང་ནུག།
༢༽ ལྷག་བཅས་ཀྱི་ཕྲད།
ཧེ་མ་ འབད་བ་ཅིན་ ལྷག་བཅས་ཀྱི་ཕྲད་ སྟེ། ཏེ། དེ། སྦེ། ལས། ཟེར་ ལྔ་སྦེ་བརྩི་སྲོལ་ཡོད་རུང་ ད་རེས་ དུས་མཐུན་བཟོ་མི་དང་འཁྲིལ་བ་ཅིན་སྟེ། ཏེ། དེ། སྦེ བཞི་ལུ་གཏན་འབེབས་མཛད་གནང་ནུག། དེ་ཡང་ (ལས) འདི་ ཕྲད་ཀྱི་ངེས་ཚིག་ལས་ཡང་འགལཝ་མ་ཚད་ (ལས)་འདི་ མིང་ཚིག་ ཞིནམ། ཞིནམ་ད་ ཞིན་ན་ཚུ་དང་གཅིག་ཁར་རྐྱངམ་གཅིག་འཇུག་དོ་ཡོདཔ་ལས་ ལྷག་བཅས་ཀྱི་ཕྲད་ཀྱི་གྲས་ལས་ བཏོན་བཏང་ནུག།
༣༽ སླར་བསྡུ་གི་ཕྲད།
ཧེ་མ་འབད་བ་ཅིན་ རྫོང་ཁའི་སྐབས་ སླར་བསྡུ་གི་ཕྲད་གོ། དོ། ནོ། འོ། ལོ། སོ། ཟེར་ དྲུག་སྦེ་ བརྩི་སྲོལ་ཡོད་རུང་ ད་རེས་ དུས་མཐུན་བཟོ་མི་དང་འཁྲིལ་བ་ཅིན་ སླར་བསྡུ་གི་ཕྲད་ གོ། ནོ། ལོ། སོ། བཞི་ལུ་ གཏན་འབེབས་མཛད་གནང་ནུག། དེ་ཡང་ (དོ) དང་ (འོ)་གཉིས་ རྫོང་ཁ་ནང་ལུ་ ལག་ལེན་ཆེནམོ་འཐབ་སྲོལ་མེདཔ་ལས་བརྟེན་ཏེ་ ཨིནམ་སྦེ་བཀོད་དེ་འདུག།
༤༽ ག་ གི་མཐའ་མར་ཤད་ཐོབ་ལམ།
ཧེ་མ་ཚར་གཅིག་ གསལ་བྱེད་ཀྱི་ཡི་གུ་ (ག)་གི་མཐའ་མར་ཤད་ཐོབ་ལམ་མེདཔ་སྦེ་ དར་ཁྱབ་སོང་ཡོད་རུང་ ད་རེས་ དུས་མཐུན་བཟོ་མི་དང་འཁྲིལ་བ་ཅིན་ (ག) གི་མཐའ་མར་ཤད་ཐོབ་ཟེར་ཨིན་མས།
དེ་ཡང་ ལྷུག་པའི་སྐབས་ རྗེས་འཇུག་(ག)་ཡིག་གི་མཐའ་མར་ ཤད་ གཅིག་ངེས་པར་དུ་རྐྱབ་དགོ་པའི་ཁར་ ཚིགས་བཅད་ཀྱི་སྐབས་འབད་བ་ཅིན་ གཞན་མ་གཞི་གཉིས་ཤད་རྐྱབ་སྲོལ་ཡོད་རུང་ རྗེས་
འཇུག་ (ག)་གི་མཐའ་མར་ ཤད་གཅིག་རྐྱབ་པ་ཅིན་བཏུབ་ཟེར་ཨིན་མས།
༥༽ ང་གི་མཐའ་མར་ཚག་ཐོབ་ལམ།
(ང)རྐྱང་པ་གི་མཐའ་མར་ ཚག་ཐོབ་ཟེར་ཨིན་མས། གཞན་ མགོ་ཅན། འདོགས་ཅན་དང་ དབྱངས་ སོགས་ཡོད་པ་ཅིན་ ཚག་མི་ཐོབ་ཟེར་ གཏན་འབེབས་མཛད་གནང་ནུག། དེ་ཡང་
དཔེར་ན་ ✔ བཟང་།
✔ བསྔོ། ཟེར་འབྲི་དོ་བཟུམ་ཨིན་མས།

22/02/2026

The main reason behind people's prosperity and success is because of our living God, our most affectionate and compassionate Royals. May our Royals live aeons of life for the sentient beings.

Video Credit-

05/12/2025

The MoESD Minister shared that during their Zoom meeting on education plans and budget with the Dzongkhags, Thromdes, and Gewogs, a request was made for 30% of the block grant budget to be allocated to Sherig. Based on the report, the Minister highlighted the following spending patterns from the Thromdes:

1. Gelephu Thromde spent only 2% in 2024–2025 and 3% in 2025–2026 from their total block grant.

2. Phuntsholing Thromde spent 8% in 2024–2025 and 19% in 2025–2026.

3. Samdrup Jongkhar Thromde spent 6% in 2024–2025 and 22% in 2025–2026.

4. Thimphu Thromde was the highest among the Thromdes, spending 30% in 2024–2025 and 40% in 2025–2026 on Sherig.

Among the Dzongkhags and Gewogs, only Trashigang and Trashiyangtse reported the highest spending in Sherig.

Therefore, the Minister further stated that the Nu. 4.5 billion allocated to Local Governments for Sherig may need to be returned to the Ministry so that it can be redistributed based on actual needs.

Want your public figure to be the top-listed Public Figure in Thimphu?
Click here to claim your Sponsored Listing.

Category

Telephone

Address


Thimphu